གཅེས་ཕྲུག་ཚོ་ཤེས་བྱ་ལ་གོམས་རོགས།༼བཀྲ་ཤིས་དོན་འགྲུབ།༽
2023年07月21日 19:44:00 访问量:86次
作者:扎西东主
བཀྲ་ཤིས་དོན་འགྲུབ།(འབའ་རྫོང་།)དེ་རིང་སློབ་མ་ཙམ་གྱི་མིང་བྱང་ཆུང་ནའངམ་འོངས་ཟེར་བའི་འོས་འགན་གལ་ཆེན་ཞིགདུས་ནམ་དུའང་ཁྱེད་ཚོའི་ཕྲག་སྟེང་ན་ཡོད་པ་མི་བརྗེད་རོགསས་ཆེན་གོ་ལ་ཟླུམ་པོའི་ཡང་སྟེང་ནཁྱོད་ཚོས་ཧུབ་ཀྱིས་འཐུང་ཆོག་པའི་ཤེས་རིག་བང་མཛོད་ཀྱི་བདུད་རྩི་རང་འབབ་ཡོདཁྱོད་ཚོས་སྟོབས་ཀྱིས་ངོམ་ཆོག་པའི་ཡབ་མེས་ལོ་རྒྱུས་ཀྱི་རྡོ་རིང་བརྟན་པོ་ཡོདཁྱོད་ཚོས་གནད་ཀྱིས་བཀོལ་ཆོག་པའི་གནའ་བོའི་བཟོ་བསྐྲུན་གྱི་ལག་རྩལ་རྒྱུ་ཆ་ཡོདཁྱོད་ཚོས་ལྷོད་ཀྱིས་གཟིགས་ཆོག་པའི་ལྷ་རྟེན་ཆོས་གསུམ་གྱི་གཟུང་གི་སྙིང་བོ་ཡོདཁྱོད་ཚོས་ད་དུང་་་ ་་་ ་་་སྤོབས་པའི་མགོ་བོ་ཡར་ལ་དགྱེ་ནས་མདུན་དུ་བསྐྱོདརིག་པའི་དཔའ་རྩལ་སྙིང་བོར་སྒོམ་ནས་མདུན་དུ་བསྐྱོདབསླབ་བྱའི་གདམས་ངག་རུམ་ལ་ཉར་ནས་མདུན་དུ་བསྐྱོདམི་གཤིས་བཟང་པོ་བརླག་བྱེད་ཀྱི་རྒྱུ་ཡིནཤེས་རིག་ཡོན་ཏན་སྦྱོང་བྱེད་ཀྱི་གདོན་ཡིནཕུགས་མདུན་འཚོལ་བསྙེག་བྱེད་སྤྱད་ཀྱི་བགེགས་ཡིནདེ་བས། ཤེས་བྱའི་གནས་ལ་གོམས་རོགསཤེས་བྱ་ནི་མི་གཤིས་ཀུན་སྤྱོད་ཀྱི་བརྒྱན་ཆ་ཡིནཤེས་བྱ་ནི་བློ་དང་དཔའ་རྩལ་གྱི་སྤུ་གྲི་ཡིནཤེས་བྱ་ནི་མ་འོངས་ཕུགས་མདུན་གྱི་རྒྱལ་ཁ་ཡིནཤེས་བྱ་ནི་བདེན་རྫུན་དབྱེ་འབྱེད་ཀྱི་རྒྱ་མ་ཡིནམདོར་ན།འདས་མ་ད་གསུམ་གྱི་རྨོངས་སེལ་འོད་སྣང་ཡིནགཅེས་ཕྲུག་ཚོ། ཤེས་བྱ་ལ་གོམས་རོགསཕ་མས་གདམས་པའི་བསླབ་བྱ་ཕྲག་ཏུ་བླངས་ནསརྒན་གྱིས་གནང་བའི་ཤེས་བྱ་རུམ་ལ་ཉར་ནསགྲོགས་ཀྱིས་བསྩལ་བའི་ཀུན་སྤྱོད་ལས་ལ་གྱོན་ནསཕྱིའི་ཡུལ་གྱི་འཇིག་རྟེན་ལ་ལྟད་མོར་གཟིགས་པར་བརྩོནནང་བཅུད་ཀྱི་སེམས་ཅན་ལ་ཞབས་འདེགས་ཞུ་བར་བརྩོནདྲིན་བརྩེ་བས་བསྐྱངས་པ་ཡི་རེ་བ་བསྒྲུབ་པར་བརྩོནསྤྱིར་བདེན་པའི་གནས་ལ་བདེན་ཚིག་སྤྲོད་པར་བརྩོནམི་རིགས་ཤིག་གི་མ་འོངས་པའི་རེ་བ་དེ་ཁྱེད་རང་ཚོསྐད་ཡིག་ཅིག་གི་བླ་སྲོག་སྲུང་མཁན་དེ་ཁྱེད་རང་ཚོསྦྲ་ནག་ཅིག་གི་ལོ་རྒྱུས་སྐྱོང་མཁན་དེ་ཁྱེད་རང་ཚོམ་འོངས་ཤིག་གི་ཡོད་ཚད་ཀྱི་བརྟེན་ས་ནི་ཁྱེད་རང་ཚོ་ལས་གཞན་སུ་ཞིག
编辑:扎西加