第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > སློབ་གྲྭ་ཕྱིར་འཚོག་པའི་ཐད་སློབ་གསོ་པུས་འདི་ལྟར་བསྟན་འདུག

སློབ་གྲྭ་ཕྱིར་འཚོག་པའི་ཐད་སློབ་གསོ་པུས་འདི་ལྟར་བསྟན་འདུག

2021年02月01日 19:12:27 访问量:459

དགུན་གནང་གི་རྗེས་སུ་སློབ་གྲྭ་རྒྱུན་ལྡན་ལྟར་སློབ་འགོ་བརྩམ་ཐུབ་རྒྱུ་ཡིན་ནམ། སློབ་གསོ་པུས་འདི་ལྟར་བསྟན་འདུག

སློབ་གསོ་པུས་རིམས་ནད་བཀག་སྡོམ་གྱི་གནས་བབ་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱ་རྒྱུ་རེད།

2020ལོའི་ལོ་སྟོད་དུ་སློབ་གྲོགས་མང་ཆེ་བ་ཁྱིམ་དུ་བསྡད་ནས་སློབ་སྦྱོང་གི་འཚོ་བ་སྐྱེལ་བས། སློབ་མ་དང་ཁྱིམ་བདག་གང་མང་ཞིག་གིས་དེར་སེམས་ཁུར་བྱེད་བཞིན་མཆིས། ད་ལོའི་དགུན་གནང་གི་རྗེས་སུ་སློབ་གྲྭ་རྒྱུན་ལྡན་ལྟར་སློབ་འགོ་བརྩམ་ཐུབ་རྒྱུ་ཡིན་ནམ། སློབ་མ་རྣམས་ཕྱིར་སློབ་གྲྭར་ལོག་པའི་ཐད་བྱེ་བྲག་གི་བླང་བྱ་གང་དག་ཡོད་དམ། ཟླ1བོའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མི་དམངས་མང་ཚོགས་ཀྱི་དཔྱིད་གསར་དུས་ཆེན་རིང་གི་རིམས་ནད་བཀག་སྡོམ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཚོགས་འདུའི་ཐོག སློབ་གསོ་པུའི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རིན་ནམ་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏིན་ཧྥིན་གྱིས་ད་ལོའི་དཔྱིད་དུས་ཀྱི་སློབ་འགོ་བརྩམ་རྒྱུའི་ཐད་དུ་འདི་ལྟར་བརྗོད་པ་སྟེ། སློབ་གསོ་པུའུ་ཡི་མིག་སྔའི་བླང་བྱ་ལྟར་ན། ད་དུང་ཕྱོགས་ཡོངས་དང་རྒྱུན་ལྡན། བདེ་འཇགས་བཅས་ཀྱི་སྒོ་ནས་སློབ་འགོ་བརྩམ་དགོས་པར་བསྟན། མིག་སྔར་ང་ཚོའི་ས་གནས་སོ་སོ་དང་སློབ་གྲྭ་ཁག་གིས་གུང་གསེང་གཏོང་བ་དང་སློབ་འགོ་བརྩམ་པའི་འཆར་གཞི་བཟོས་ཡོད་ལ། རིམས་ནད་བཀག་སྡོམ་གྱི་དགོས་མཁོ་དང་གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ང་ཚོས་ད་ལྟ་དུས་གཅིག་ཏུ་གཤམ་གྱི་ལས་དོན་ཁག་གསུམ་ལེགས་པོར་བསྒྲུབ་དགོས།

གཅིག འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་པར་གཞི་གསར་བའི་སློབ་གྲྭའི་རིམས་ནད་བཀག་སྡོམ་ལག་རྩལ་ཇུས་གཞི་ལ་བཟོ་བཅོས་རྒྱག་པ། ད་ལྟ་ལག་བསྟར་བྱེད་བཞིན་པ་ནི་སྟོན་དགུན་དུས་ཀྱི་རིམས་ནད་བཀག་སྡོམ་ལག་རྩལ་ཇུས་གཞི་ཡིན་ལ། སློབ་གྲྭའི་ནང་གི་གནས་ཡུལ་སོ་སོ་དང་སློབ་གྲྭར་འགྲོ་བའི་གོ་རིམ། དེ་བཞིན་སློབ་ཁང་དང་ཚོད་ལྟ་ཁང་། རྩལ་སྦྱང་ར་བ། ལུས་རྩལ་ཐང་ཆེན་སོགས་ས་གནས་འདི་དག་གི་རིམས་ནད་བཀག་སྡོམ་གྱི་བླང་བྱ་གཞིར་བཟུང་། ད་ལྟ་དཔྱིད་དུས་ཀྱི་སློབ་འགོ་བརྩམ་པའི་རིམས་ནད་བཀག་སྡོམ་གྱི་ལག་རྩལ་ཇུས་གཞིར་བཟོ་བཅོས་རྒྱག་དགོས། ལས་དོན་འདི་མིག་སྔར་སྤེལ་འགོ་བརྩམས་ཟིན་པས་མགྱོགས་མྱུར་ངང་འགྲུབ་ངེས་ཡིན་ལ། འདི་ལྟར་བྱས་ཚེ་དཔྱིད་དུས་ཀྱི་སློབ་འགོ་བརྩམ་པའི་སྐབས་སུ་ས་གནས་སོ་སོ་དང་སློབ་གྲྭ་སོ་སོར་ལག་རྩལ་གྱི་ཇུས་གཞི་གསར་བ་ཞིག་ཡོད། 

གཉིས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱ་དགོས། དགུན་སླེབས་པ་ནས་བཟུང་རྒྱལ་ཡོངས་ཀྱི་ས་གནས་ཁ་ཤས་སུ་ཁ་ཐོར་རང་བཞིན་གྱི་ནད་རྟགས་བྱུང་བ་དང་ས་ཁུལ་ཁ་ཤས་སུ་འདུ་འཛོམས་རང་བཞིན་གྱི་ནད་རྟགས་བྱུང་བས། དེ་རིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འདིས་ཀྱང་གནད་དོན་འདི་ལ་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན། དཔྱིད་གསར་དུས་ཆེན་རོལ་རྗེས་སམ་ཡང་ན་ད་ལྟ་ནས་འགོ་བརྩམ་སྟེ་ས་གནས་ཁག་གིས་སློབ་འགོ་བརྩམ་པའི་ལས་དོན་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་བཞིན་ཡོད་པས། ང་ཚོས་རིམས་ནད་བཀག་སྡོམ་གྱི་གནས་བབ་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་དཔྱིད་དུས་ཀྱི་སློབ་འགོ་བརྩམ་པའི་བླང་བྱ་དང་དུས་ཚོད་ལེགས་སྒྲིག་བྱ་རྒྱུ།

གསུམ། ས་གནས་ཁག་དང་སློབ་གྲྭ་ཁག་གིས་སྔ་མོ་ནས་དཔྱིད་དུས་ཀྱི་སློབ་འགོ་བརྩམ་པའི་གྲ་སྒྲིག་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས། གྲ་སྒྲིག་གི་ལས་དོན་ཁྲོད་རིམས་ནད་ཀྱི་ལག་རྩལ་ཇུས་གཞི་དོན་འཁྱོལ་དང་རིམས་ནད་བཀག་སྡོམ་བྱེད་པའི་དངོས་རྫས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་དང་གྲ་སྒྲིག་ཚུད་པར་མ་ཟད། ས་གནས་དེ་ག་དང་དེ་བཞིན་ཕ་ཡུལ་གྱི་རིམས་ནད་བཀག་སྡོམ་གྱི་གནས་བབ་དང་བླང་བྱའང་ཚུད་ཡོད། དམིགས་བསལ་གྱི་གནས་ཚུལ་འོག་ཏུ་ད་དུང་ཁག་བགོས་ནས་སློབ་འགོ་བརྩམ་དགོས། གལ་ཏེ་དཔྱིད་གསར་དུས་ཆེན་གྱི་རྗེས་སུ་ད་དུང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ཡོང་བའི་སློབ་མ་ཡོད་ཚེ་གནས་སྐབས་སུ་ཕྱིར་སློབ་གྲྭར་ལོག་རྒྱུ་ཕྱིར་འགྱངས་བྱ་རྒྱུ། འོན་ཀྱང་སློབ་གསོའི་མ་ལག་དང་སློབ་གྲྭ་ཡོངས་ལ་མཚོན་ན། ང་ཚོས་ད་དུང་དུས་ཐོག་དང་བདེ་འཇགས་ངང་སློབ་འགོ་བརྩམ་རྒྱུའི་འགན་ལེན་བྱ་དགོས། དེའང་ང་ཚོས་དཔྱིད་དུས་ཀྱི་སློབ་འགོ་བརྩམ་པའི་གྲ་སྒྲིག་ལས་དོན་ཁག་སྔོན་དུ་འཆར་འགོད་ལེགས་པོ་བྱ་དགོས་པ་ཞིག་རེད། དུས་མཚུངས་སུ། ང་ཚོས་ད་ལྟའང་ས་གནས་ཁག་དང་སློབ་གྲྭ་ཁག་གིས་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་ཕན་ཚུན་འབྲེལ་མཐུད་བྱེད་པའི་ལས་དོན་གྲ་སྒྲིག་ལེགས་པོར་བྱ་དགོས་པའི་བླང་བྱ་བཏོན་ཡོད། དགོས་ངེས་ཀྱི་སྐབས་སུ་དུས་ལྟར་དྲ་ཐོག་ནས་སློབ་ཁྲིད་བྱ་ཆོག གལ་ཏེ་བདེ་འཇགས་དང་ཕྱོགས་ཡོངས་ནས་སློབ་འགོ་བརྩམ་ཐུབ་ཚེ་ང་ཚོས་ཆ་འཕྲིན་འདི་མགྱོགས་མྱུར་ངང་ཁྱབ་བསྒྲགས་བྱ་ངེས།
རྒྱུ་ཆའི་འདྲ་པར། ཞུས་ཆའོ་མིན་གྱིས་པར་བླངས།
ས་གནས་སོ་སོའི་སློབ་གྲྭ་ཁག་གི་སློབ་འགོ་བརྩམ་པའི་གནས་ཚུལ་ཐད་དུ། མིག་སྔར་ང་ཚོར་བླང་བྱ་གསལ་བོ་ཡོད་པ་དང་། ས་གནས་སོ་སོ་དང་སློབ་གྲྭ་ཁག་ལའང་བཀོད་སྒྲིག་གསལ་བོ་ཡོད། ང་ཚོས་རྒྱུན་ཆད་མེད་པར་རིམས་ནད་བཀག་སྡོམ་གྱི་གནས་བབ་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱ་ངེས་ཡིན་ཞེས་ཝང་ཏིན་ཧྥིན་གྱིས་དེ་ལྟར་བཤད།



“ཨ་མདོ་སྨྱན་གསར”གྱི་མིང“གངས་ལྗོངས་འཕྲིན་གསར”དུ་བསྒྱུར།

ཡོང་ཁུངས། གངས་ལྗོངས་འཕྲིན་གསར།

ཡིག་སྒྱུར་དང་རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源:中国新闻网

翻译&责编:项吉当知

监制:杨本才让   总监制:刘增奎




编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心